ལེའུ་དགུ་པ།
བཙན་ཁྲིད་ལས་ཕྱིར་ཡེ་རུ་སཱ་ལེམ་དུ་ལོག་པའི་མི་རྣམས།
1 ཡེས་ར་ཨེལ་པ་ཐམས་ཅད་ནི་ཁྱིམ་རབས་བཞིན་ཐོ་བརྒྱབ་ཡོད་ཅིང་། ལྟོས་དང་། དེ་ཐམས་ཅད་ཡེས་ར་ཨེལ་གྱི་རྒྱལ་པོའི་རྒྱལ་རབས་ནང་དུ་བཀོད་ཡོད། ཡ་ཧུ་དཱ་པ་རྣམས་ནི་དད་ལོག་གི་རྐྱེན་གྱིས་པཱ་པེལ་ལོན་དུ་བཙན་ཁྲིད་བྱས་པ་ཡིན། 2 ཐོག་མར་ཕྱིར་ཐོན་ཏེ་རང་གི་ས་སྐལ་དང་རང་གི་གྲོང་ཁྱེར་དུ་གནས་པ་རྣམས་ནི་ཡེས་ར་ཨེལ་པ་དང་། མཆོད་དཔོན་རྣམས་དང་། ལེ་ཝི་པ་རྣམས་དང་། མཆོད་གཡོག་པ་བཅས་ཡིན། 3 ཡེ་རུ་སཱ་ལེམ་དུ་སྡོད་པ་ནི་ཡ་ཧུ་དཱའི་ཚོ་པ་དང་། པེན་ཡཱ་མེན་གྱི་ཚོ་པ། ཨེ་ཕཱར་ཡིམ་གྱི་ཚོ་པ། མཱ་ན་ཤེའི་ཚོ་པ་བཅས་ནས་ཐོན་པའི་མི་རྣམས་ཡིན་ནོ། ། 4 ཡང་ཡ་ཧུ་དཱའི་བུ་ཕེ་རེལ་ཟིའི་བུ་རབས་ཚ་རྒྱུད་ཁྲོད་དུ་ཨུ་ཐ་ཨི་བྱ་བ་ཡོད་དེ། ཨུ་ཐ་ཨི་ནི་ཨམ་མེ་ཧུད་ཀྱི་བུ་ཡིན་ལ། ཨམ་མེ་ཧུད་ནི་ཨོམ་རིའི་བུ། ཨོམ་རི་ནི་ཨིམ་རིའི་བུ། ཨིམ་རི་ནི་པཱ་ནིའི་བུའོ། ། 5 ཡང་ཞི་ལོ་པའི་ཁྲོད་དུ་བུ་སྐྱེས་འགོ་ཨ་ས་ཡཱ་དང་དེའི་བུ་རྣམས་ཡོད་ལ། 6 ཟེ་རག་གི་བུ་རབས་ཚ་རྒྱུད་རྣམས་ལས་ཡེ་ཨུ་ཨེལ་དང་དེའི་གཉེན་ཉེ་རྣམས་བསྡོམས་པས་དྲུག་བརྒྱ་དགུ་བཅུ་ཡོད།
7 པེན་ཡཱ་མེན་གྱི་བུ་རབས་ཚ་རྒྱུད་ལས་ཧ་སེ་ནུ་ཨའི་ཡང་ཚ་དང་ཧོ་དབ་ཡཱའི་ཚ་བོ་སྟེ། མཱེ་ཤུལ་ལིམ་གྱི་བུ་སལ་ལུ་ཡོད་དོ། ། 8 ཡང་ཡེ་རོ་ཧམ་གྱི་བུ་ཡིབ་ནེ་ཡཱ་དང་། མིག་རིའི་ཚ་བོ་སྟེ་ཨུ་ཟིའི་བུ་ཨེ་ལཱ་བྱ་བ་དང་། ཡིབ་ནེ་ཡཱ་ཡི་ཡང་ཚའམ་རུའུ་ཨེལ་གྱི་ཚ་བོ་སྟེ། ཤེ་ཕད་ཡཱའི་བུ་མཱེ་ཤུལ་ལིམ་ཡོད་པ་དང་། 9 ཡང་ཁོ་ཚོའི་གཉེན་ཉེ་རྣམས་ཏེ། དེ་དག་གི་ཁྱིམ་རབས་བཞིན་ཐོ་བརྒྱབ་པ་བསྡོམས་པས་དགུ་བརྒྱ་དང་ལྔ་བཅུ་ང་དྲུག་ཡོད་དེ། དེ་ཐམས་ཅད་ནི་ཁོ་རྣམས་ཀྱི་ཁྱིམ་རྒྱུད་སོ་སོའི་འགོ་དཔོན་ཡིན་ནོ། །
10 ཡང་མཆོད་དཔོན་གྱི་ཁྲོད་དུ་ཡེ་དཱ་ཡ་དང་། ཡེ་ཧོ་ཡ་རིབ། ཡཱ་ཀིན། 11 ད་དུང་དཀོན་མཆོག་གི་མཆོད་ཁང་ལ་བདག་གཉེར་བྱེད་པའི་ཨ་ཟར་ཡཱ་བཅས་ཡོད། ཨ་ཟར་ཡཱ་ནི་ཧིལ་ཀི་ཡཱའི་བུ་དང་། ཧིལ་ཀི་ཡཱ་ནི་མཱེ་ཤུལ་ལིམ་གྱི་བུ། མཱེ་ཤུལ་ལིམ་ནི་ཟཱ་ཏོག་གི་བུ། ཟཱ་ཏོག་ནི་མེ་ར་ཡོད་ཀྱི་བུ། མེ་ར་ཡོད་ནི་ཨ་ཧི་ཏུབ་ཀྱི་བུའོ། ། 12 ད་དུང་མལ་ཀི་ཡཱའི་ཡང་ཚ་སྟེ། ཕཱ་ཤུར་གྱི་ཚ་བོའམ་ཡེ་རོ་ཧམ་གྱི་བུ་ཨ་དཱ་ཡ་དང་། ཨ་དི་ཨེལ་གྱི་བུ་མ་ཨ་སཱ་ཨི་ཡང་ཡོད། ཨ་དི་ཨེལ་ནི་ཡ་ཟེ་རཱའི་བུ་དང་། ཡ་ཟེ་རཱ་ནི་མཱེ་ཤུལ་ལིམ་གྱི་བུ་དང་། མཱེ་ཤུལ་ལིམ་ནི་མེ་ཤིལ་ལེ་མིད་ཀྱི་བུ་དང་། མེ་ཤིལ་ལེ་མིད་ནི་ཨིམ་མེར་གྱི་བུའོ། ། 13 ཡང་དེ་དག་གི་གཉེན་ཉེ་རྣམས་ཏེ་ཁོ་ཚོའི་ཁྱིམ་རྒྱུད་ཀྱི་འགོ་དཔོན་རྣམས་བསྡོམས་པས་མི་ཆིག་སྟོང་བདུན་བརྒྱ་དྲུག་ཅུ་ཡོད་ལ། དེ་ཐམས་ཅད་ནི་དཀོན་མཆོག་གི་མཆོད་ཁང་ལ་བདག་གཉེར་བྱེད་མཁས་པའི་འཇོན་ཐང་ཅན་ཡིན་ནོ། །
14 ཡང་ལེ་ཝི་ཚོ་པའི་མཱ་རཱ་རེའེ་ཡི་བུ་རབས་ཚ་རྒྱུད་ཁྲོད་དུ། ཧ་ཤབ་ཡཱའི་ཡང་ཚ་སྟེ། ཨས་རི་ཀམ་གྱི་ཚ་བོའམ་ཧ་ཤུབ་ཀྱི་བུ་ཤེ་མཱ་ཡ་དང་། 15 ཡང་པག་བག་ཀར་དང་། ཧེ་རེ་སི། ག་ལལ། ཨ་སབ་ཀྱི་ཡང་ཚ་སྟེ། ཟིག་རིའི་ཚ་བོའམ་མི་ཀཱའི་བུ་མད་ཐན་ཡཱ། 16 ཡང་ཡེ་དུ་ཐུན་གྱི་ཡང་ཚ་སྟེ། ག་ལལ་གྱི་ཚ་བོའམ་ཤེ་མཱ་ཡའི་བུ་ཨོ་བད་ཡཱ་དང་། ཡང་ཨེལ་ཁ་ནཱའི་ཚ་བོ་སྟེ། ཨ་སཱའི་བུ་པེ་རེག་ཡཱ་བཅས་པ་ཡོད་ལ། དེ་ཐམས་ཅད་ནེ་ཏོ་ཕཱ་པའི་གྲོང་ཚོ་རུ་གནས་པ་ཡིན།
17 ཡང་སྒོ་སྲུང་ནི་ཤལ་ལུམ་དང་། ཨག་ཀུབ་དང་། ཏལ་མོན་དང་། ཨ་ཧི་མན་དང་དེ་དག་གི་གཉེན་ཉེ་རྣམས་ཡོད་དེ། ཤལ་ལུམ་ནི་དེ་དག་གི་འགོ་དཔོན་ཡིན། 18 དེ་དག་ནི་ད་ལྟ་ད་དུང་རྒྱལ་པོའི་ཤར་སྒོ་སྲུང་མཁན་ཡིན་ཞིང་། སྔར་དེ་དག་ནི་ལེ་ཝི་པའི་སྒར་གྱི་སྒོ་སྲུང་བྱས་མྱོང་། 19 ཡང་ཀོ་རེད་ཀྱི་ཡང་ཚ་སྟེ། ཨེ་བི་ཡ་སབ་ཀྱི་ཚ་བོའམ་ཀོ་རེད་ཀྱི་བུ་ཤལ་ལུམ་དང་། དེའི་གཉེན་ཉེ་ཀོ་རཱག་པ་རྣམས་ཀྱིས་ལས་འགན་འཁུར་ཞིང་མཇལ་འཕྲད་གུར་མཆོག་སྲུང་བ་ཡིན། དེ་དག་གི་ཕ་མེས་རྣམས་ཀྱིས་སྔར་དཀོན་མཆོག་ཡ་ཝཱེའི་སྒར་ལ་བདག་གཉེར་བྱས་ནས་སྒོ་བསྲུངས་པའོ། ། 20 སྔར་ཨེ་ལི་ཨ་ཟར་གྱི་བུ་ཕི་ནེ་ཧེ་དེ་དག་གི་འགོ་དཔོན་བྱས་མྱོང་ལ། དཀོན་མཆོག་ཡ་ཝཱེ་ཡང་ཁོ་དང་མཉམ་དུ་བཞུགས་པའོ། ། 21 ཡང་མེ་ཤེ་ལེམ་ཡཱའི་བུ་ཟཱ་ཀར་ཡ་ནི་མཇལ་འཕྲད་གུར་མཆོག་གི་སྒོ་སྲུང་ཡིན་ཞིང་། 22 སྒོ་སྲུང་དུ་བདམས་པའི་མི་ནི་བསྡོམས་པས་ཉིས་བརྒྱ་དང་བཅུ་གཉིས་ཡོད་པ་དང་། དེ་རྣམས་རང་རང་གི་གྲོང་སྡེ་རུ་ཁྱིམ་རབས་བཞིན་ཐོ་བརྒྱབ་ཅིང་། ཁོ་རྣམས་ནི་དཱ་བིད་དང་ལུང་སྟོན་པ་སཱ་མུ་ཨེལ་གཉིས་ཀྱིས་ལས་འགན་འཁུར་དུ་བསྐོས་པ་ཡིན། 23 དེ་དག་དང་དེ་དག་གི་བུ་རབས་ཚ་རྒྱུད་རྣམས་ཀྱིས་ལས་རེས་བཞིན་དཀོན་མཆོག་ཡ་ཝཱེའི་བཞུགས་གནས་ཀྱི་སྒོ་སྟེ། མཇལ་འཕྲད་གུར་མཆོག་གི་སྒོ་སྲུང་ཡིན། 24 ཤར་ལྷོ་ནུབ་བྱང་ཕྱོགས་བཞི་རུ་སྲུང་མཁན་ཡོད་དེ། 25 ཡང་དེ་དག་གི་གཉེན་ཉེ་སྟེ་ཁོ་ཚོའི་གྲོང་ཚོ་རུ་སྡོད་པ་རྣམས་ཉིན་བདུན་རེར་ཁོ་ཚོ་དང་རེས་སྐོར་དུ་འོངས། 26 མཆོད་ཁང་གི་སྒོ་བཞི་པོའི་སྒོ་སྲུང་འགོ་དཔོན་ཐམས་ཅད་ལེ་ཝི་པ་ཡིན་ཞིང་། མངགས་བཅོལ་ལྟར་དཀོན་མཆོག་གི་མཆོད་ཁང་གི་ཁང་མིག་དང་དཀོར་མཛོད་རྣམས་སྲུང་མཁན་ཡིན་ནོ། ། 27 ཡང་ཁོ་རྣམས་ཀྱིས་ལྟ་སྲུང་གི་འགན་འཁུར་བར་མ་ཟད་ཉིན་རེའི་ཞོགས་པར་སྒོ་འབྱེད་དགོས་པས། ཁོ་རྣམས་དཀོན་མཆོག་གི་མཆོད་ཁང་གི་ཕྱོགས་བཞི་རུ་སྡོད་པའོ། །
28 ལེ་ཝི་པའི་ཁྲོད་དུ་འགའ་ཞིག་གིས་སྣོད་ཆས་ལ་བདག་གཉེར་བྱེད་པ་དང་། གྲངས་ཀ་བཞིན་ཕྱི་ལ་འཁྱེར་བ་དང་། ཡང་གྲངས་ཀ་བཞིན་ནང་ལ་འཁྱེར་འོང་དགོས་སོ། ། 29 ཡང་ཁོ་རྣམས་ལས་འགའ་ཞིག་གིས་མངགས་བཅོལ་ལྟར་ཡོ་བྱད་དང་། གནས་དམ་པའི་སྣོད་ཆས་ཐམས་ཅད་དང་། གྲོ་ཞིབ་དང་རྒུན་ཆང་དང་། སྣུམ་དང་། སྤོས་དཀར་དང་། བསུང་རྫས་སྤེལ་མ་བཅས་ལ་བདག་གཉེར་བྱེད་པ་ཡིན། 30 མཆོད་དཔོན་གྱི་བུ་རབས་ཚ་རྒྱུད་ལས་འགའ་ཞིག་གིས་བསུང་རྫས་ཀྱིས་བྱུགས་རྫས་བཟོ་བ་ཡིན། 31 ལེ་ཝི་པ་མད་ཐིད་ཡཱ་ནི་ཀོ་རཱག་པ་ཤལ་ལུམ་གྱི་བུ་སྐྱེས་འགོ་ཡིན་ཏེ། དེའི་ལས་འགན་ནི་སླ་ངའི་ནང་བག་ལེབ་བསྲེག་པར་བདག་གཉེར་བྱེད་པ་ཡིན། 32 དེ་དག་གི་གཉེན་ཉེ་ཀོ་ཧད་པའི་བུ་རབས་ཚ་རྒྱུད་ལས། སྤྱན་བསྟར་བག་ལེབ་ལ་བདག་གཉེར་བྱེད་མཁན་ཡོད་དེ། ངལ་གསོ་བའི་ཉིན་མོ་རེ་རེར་བག་ལེབ་སྟ་གོན་བྱེད་པ་ཡིན།
33 འདི་རྣམས་ནི་མགུར་ལེན་མཁན་ཏེ་ལེ་ཝིའི་ཁྱིམ་རྒྱུད་སོ་སོའི་འགོ་དཔོན་ཡིན་ལ། མཆོད་ཁང་གི་ར་བའི་ཁང་མིག་ནང་དུ་སྡོད་ཅིང་། ཉིན་མཚན་མེད་པར་མཆོད་ཁང་གི་ནང་དུ་ལས་ཀ་བྱེད་པ་ལས་གཞན་གང་ཡང་མི་བྱེད་དོ། ། 34 དེ་ཐམས་ཅད་ནི་ལེ་ཝིའི་ཁྱིམ་རྒྱུད་སོ་སོའི་འགོ་དཔོན་ཡིན་ཞིང་། ཁོ་རྣམས་ཀྱི་ཁྱིམ་རབས་བཞིན་ཐམས་ཅད་འགོ་དཔོན་ཡིན་ལ། ཐམས་ཅད་ཡེ་རུ་སཱ་ལེམ་དུ་སྡོད་པའོ། །
རྒྱལ་པོ་སོ་ལོའི་ཁྱིམ་རབས།
35 གིབ་ཡོན་དུ་སྡོད་པ་ནི་གིབ་ཡོན་གྱི་ཕ་ཡེ་ཨི་ཨེལ་ཡོད་ལ། དེའི་ཆུང་མའི་མིང་ལ་མ་ཨ་ཀཱ་ཟེར། 36 དེའི་བུ་སྐྱེས་འགོ་ནི་ཨབ་དོན་ཡིན་པ་དང་། དེའི་ཞོལ་དུ་ཙུར་དང་། ཁི་སི། པཱ་ཨལ། ནེར། ནཱ་དབ། 37 གེ་དོར། ཨ་ཧི་ཡོ། ཟཱ་ཀར་ཡ། མིག་ལོད་བཅས་ཡོད། 38 ཡང་མིག་ལོད་ལས་ཤི་མེ་ཨམ་མཆེད་པ་དང་། དེ་དག་ཀྱང་དེ་དག་གི་གཉེན་ཉེ་མཉམ་དུ་ཡེ་རུ་སཱ་ལེམ་དུ་བསྡད་པ་དང་རང་གི་གཉེན་ཉེ་དང་ཉེ་བར་གནས་པའོ། ། 39 ནེར་ལས་ཁི་སི་མཆེད། ཁི་སི་ལས་སོ་ལོ་མཆེད། སོ་ལོ་ལས་ཡོ་ནཱ་ཐན་དང་། མལ་ཀི་ཤུ་ཨ། ཨ་བི་ནཱ་དབ། ཨིས་པོ་ཤེད་བཅས་མཆེད། 40 ཡོ་ནཱ་ཐན་གྱི་བུ་ནི་མེ་ཕི་པོ་ཤེད་ཡིན་པ་དང་། མེ་ཕི་པོ་ཤེད་ལས་མི་ཀཱ་མཆེད། 41 མི་ཀཱ་ཡི་བུ་ནི་ཕི་ཐོན་དང་། མེ་ལེག ཐ་རེ་ཨ། ཨ་ཧ་ཟཱ་བཅས་ཡིན། 42 ཨ་ཧ་ཟཱ་ལས་ཡ་རཱ་མཆེད། ཡ་རཱ་ལས་ཨ་ལེ་མེད་དང་། ཨས་མ་ཝེད། ཟིམ་རེ་བཅས་མཆེད། ཟིམ་རེ་ལས་མོ་ཟི་མཆེད། 43 མོ་ཟི་ལས་པི་ནེ་ཨ་མཆེད། པི་ནེ་ཨའི་བུ་ནི་རེ་ཕཱ་ཡ་ཡིན་ལ། རེ་ཕཱ་ཡའི་བུ་ནི་ཨེལ་ཨ་སཱ་དང་། ཨེལ་ཨ་སཱའི་བུ་ནི་ཨ་ཙེལ་ཡིན། 44 ཨ་ཙེལ་ལ་བུ་དྲུག་ཡོད་ཅིང་དེ་ཚོའི་མིང་ནི་ཨས་རི་ཀམ་དང་། པོ་ཀེ་རུ། ཡེས་མ་ཨེལ། ཤེ་ཨར་ཡཱ། ཨོ་བད་ཡཱ། ཧ་ནན་བཅས་ཡིན། འདི་ཐམས་ཅད་ཨ་ཙེལ་གྱི་བུ་ཡིན་ནོ། །