ལེའུ་བརྒྱད་པ།
པེན་ཡཱ་མེན་པ་སོ་ལོའི་ཁྱིམ་རབས།
1 ཡང་པེན་ཡཱ་མེན་ལས་བུ་སྐྱེས་འགོ་པེ་ལཱ་དང་། བུ་གཉིས་པ་ཨ་ཤ༌བེལ། བུ་གསུམ་པ་ཨ་ཧ་རཱ། 2 བུ་བཞི་པ་ནོ་ཧཱ། བུ་ལྔ་པ་ར་ཕཱ་བཅས་མཆེད་དོ། ། 3 ཡང་པེ་ལཱ་ཡི་བུ་ནི་ཨད་དར་དང་། གེ་རཱ། ཨ་བི་ཧུད། 4 ཨ་བི་ཤུ་ཨ། ནཱ་ཨ༌མཱན། ཨ་ཧོ་ཨ། 5 གེ་རཱ། ཤེ་ཕུ་ཕན། ཧུ་རཱམ་བཅས་སོ། ། 6 ཡང་འདི་རྣམས་ནི་ཨེ་ཧུད་ཀྱི་བུ་རབས་ཚ་རྒྱུད་རྣམས་ཡིན་ཏེ། ཁོ་རྣམས་ནི་གེ་བཱ་རུ་གཞིས་ཆགས་པའི་ཁྱིམ་རྒྱུད་སོ་སོའི་འགོ་དཔོན་ཡིན་ལ། སྔར་མཱ་ན་ཧད་དུ་སྤྱུགས་པའོ། ། 7 ཨེ་ཧུད་ཀྱི་བུ་ནི་ནཱ་ཨ༌མཱན་དང་། ཨ་ཧི་ཡཱ། གེ་རཱ་བཅས་ཡིན་ལ། གེ་རཱ་ཡིས་ཁོ་རྣམས་སྤྱུགས་པ་ཡིན་ནོ། །དེ་ལས་ཨུ་ཟཱ་དང་ཨ་ཧི་ཧུད་མཆེད་དོ། ། 8 ཡང་ཤཱ་ཧ་ར་ཨིམ་གྱིས་རང་གི་ཆུང་མ་ཧུ་ཤིམ་དང་པཱ་ཨ་ར་གཉིས་དོར་རྗེས། མོ་ཨབ་ཡུལ་དུ་བུ་རྣམས་སྐྱེས་སོ། ། 9 དེའི་ཆུང་མ་ཧོ་དེ་སི་ལས་ཡོ་བཱབ་དང་། ཙིབ་ཡཱ། མེ་ཤཱ། མཱལ་ཀམ། 10 ཡེ་ཨུ་ཟི། སག་ཡཱ། མིར་མཱ་བཅས་མཆེད་དེ། དེའི་བུ་འདི་ཐམས་ཅད་ནི་ཁྱིམ་རྒྱུད་དག་གི་འགོ་དཔོན་ཡིན། 11 ཧུ་ཤིམ་ལས་ཁོ་ལ་ཨ་བི་ཏུབ་དང་ཨེལ་ཕཱ་ཨལ་གཉིས་མཆེད་དེ། 12 ཨེལ་ཕཱ་ཨལ་གྱི་བུ་ནི་ཨེ་བེར་དང་། མེ་ཤཱམ། ཤེ་མེད་བཅས་ཡིན་ལ། ཤེ་མེད་ཀྱིས་ཨོ་ནོ་དང་ལོད་གཉིས་དང་། གྲོང་ཁྱེར་དེ་གཉིས་ཀའི་གྲོང་ཚོ་རྣམས་བརྩིགས་སོ། ། 13 ད་དུང་པེ་རེ་ཡཱ་དང་ཤེ་མཱ་གཉིས་ཀྱང་ཡོད་ལ། ཁོ་རྣམས་ནི་ཨ་ཡཱ་ལོན་དུ་གཞིས་ཆགས་པའི་ཁྱིམ་རྒྱུད་སོ་སོའི་འགོ་དཔོན་ཡིན་ཞིང་། དེ་གཉིས་ཀྱིས་གཱད་པ་རྣམས་ཕྱིར་བསྐྲད་པ་ཡིན། 14 ཡང་པེ་རེ་ཡཱ་ཡི་བུ་ནི་ཨ་ཧི་ཡོ་དང་། ཤཱ་ཤག ཡེ་རེ་མོད། 15 ཟེ་བད་ཡཱ། ཨ་རད། ཨེ་དེར། 16 མེའ་ཀཱ་ཨེལ། ཡིས་ཕཱ། ཡོ་ཧ་བཅས་ཡིན་ནོ། ། 17 ཡང་ཨེལ་ཕཱ་ཨལ་གྱི་བུ་ནི་ཟེ་བད་ཡཱ་དང་། མཱེ་ཤུལ་ལིམ། ཧི་སི་ཀི། ཧེ་བེར། 18 ཡིས་མེ་ར་ཨི། ཡི་ཟ་ལི་ཡཱ། ཡོ་བཱབ་བཅས་སོ། ། 19 ཤིམ་ཨི་ཡི་བུ་ནི་ཡཱ་ཀིམ་དང་། ཟིག་རི། ཟབ་དི། 20 ཨེ་ལི་ཨེ་ན་ཨི། ཙིལ་ལེ་ཐ་ཨི། ཨེ་ལི་ཨེལ། 21 ཨ་དཱ་ཡ། པེ་ར་ཡཱ། ཤིམ་རད་བཅས་སོ། ། 22 ཤཱ་ཤག་གི་བུ་ནི་ཡིས་པན་དང་། ཨེ་བེར། ཨེ་ལི་ཨལ། 23 ཨབ་དོན། ཟིག་རི། ཧ་ནན། 24 ཧ་ནན་ཡཱ། ཨེ་ལཱམ། ཨན་ཐོ་ཐི་ཡཱ། 25 ཡིབ་དེ་ཡཱ། ཕེ་ནུ་ཨེལ་བཅས་སོ། ། 26 ཡེ་རོ་ཧམ་གྱི་བུ་ནི་ཤམ་ཤེ་ར་ཨི་དང་། ཤེ་ཧར་ཡཱ། ཨ་ཐལ་ཡཱ། 27 ཡ་ཨ་རེ་ཤི་ཡཱ། ཨེ་ལི་ཡཱ། ཟིག་རི་བཅས་སོ། ། 28 དེ་རྣམས་ནི་ཁྱིམ་རབས་བཞིན་དུ་ཐམས་ཅད་རང་རང་གི་ཁྱིམ་རྒྱུད་སོ་སོའི་འགོ་དཔོན་ཡིན་པ་དང་། ཡེ་རུ་སཱ་ལེམ་དུ་གནས་པའི་འགོ་དཔོན་རྣམས་ཡིན་ནོ། །
29 ཡང་གིབ་ཡོན་ཡུལ་དུ་སྡོད་པ་ནི་གིབ་ཡོན་གྱི་ཕ་ཡེ་ཨི་ཨེལ་ཡོད་པ་དང་། དེའི་ཆུང་མའི་མིང་ལ་མ་ཨ་ཀཱ་ཟེར་རོ། ། 30 དེའི་བུ་སྐྱེས་འགོ་ནི་ཨབ་དོན་ཡིན་ལ། དེ་ནས་ཙུར་དང་། ཁི་སི། པཱ་ཨལ། ནཱ་དབ། 31 གེ་དོར། ཨ་ཧི་ཡོ། ཟེ་ཀེར། མིག་ལོད་བཅས་ཡིན་ནོ། ། 32 ཡང་མིག་ལོད་ལས་ཤི་མེ་ཨ་མཆེད་དེ། དེ་དག་ཀྱང་རང་གི་གཉེན་ཉེ་དང་མཉམ་དུ་ཡེ་རུ་སཱ་ལེམ་ལ་གནས་ཤིང་། ཕན་ཚུན་ཉེ་བར་གནས་པའོ། ། 33 ནེར་ལས་ཁི་སི་མཆེད། ཁི་སི་ལས་སོ་ལོ་དང་། སོ་ལོ་ལས་ཡོ་ནཱ་ཐན་དང་། མལ་ཀི་ཤུ་ཨ། ཨ་བི་ནཱ་དབ། ཨིས་པོ་ཤེད་བཅས་མཆེད་དོ། ། 34 ཡོ་ནཱ་ཐན་གྱི་བུ་ནི་མེ་ཕི་པོ་ཤེད་ཡིན་ལ། མེ་ཕི་པོ་ཤེད་ལས་མི་ཀཱ་མཆེད་དོ། ། 35 མི་ཀཱ་ཡི་བུ་ནི་ཕི་ཐོན་དང་། མེ་ལེག ཐ་རེ་ཨ། ཨ་ཧ་ཟཱ་བཅས་ཡིན་ནོ། ། 36 ཨ་ཧ་ཟཱ་ལས་ཡེ་ཧོ་ཨ་དད་མཆེད་ཅིང་། ཡེ་ཧོ་ཨ་དད་ལས་ཨ་ལེ་མེད་དང་། ཨས་མ་ཝེད། ཟིམ་རེ་བཅས་མཆེད་པ་དང་། ཟིམ་རེ་ལས་མོ་ཟི་མཆེད་དོ། ། 37 མོ་ཟི་ལས་པི་ནེ་ཨ་མཆེད་པ་དང་། པི་ནེ་ཨ་ཡི་བུ་ནི་ར་ཕཱ་ཡིན་ལ། ར་ཕཱའི་བུ་ནི་ཨེལ་ཨ་སཱ་ཡིན། ཨེལ་ཨ་སཱའི་བུ་ནི་ཨ་ཙེལ་ཡིན། 38 ཡང་ཨ་ཙེལ་ལ་བུ་དྲུག་ཡོད་དེ། དེ་དག་གི་མིང་ནི་ཨས་རི་ཀམ་དང་། པོ་ཀེ་རུ། ཡེས་མ་ཨེལ། ཤེ་ཨར་ཡཱ། ཨོ་བད་ཡཱ། ཧ་ནན་བཅས་ཡིན་ལ། དེ་ཐམས་ཅད་ནི་ཨ་ཙེལ་གྱི་བུ་ཡིན་ནོ། ། 39 ཡང་ཨ་ཙེལ་གྱི་ནུ་བོ་ཨེ་ཤེག་གི་བུ་རྣམས་ནི། བུ་སྐྱེས་འགོ་ཨུ་ལམ་དང་། བུ་གཉིས་པ་ཡེ་ཨུ་སི། བུ་གསུམ་པ་ཨེ་ལི་ཕེ་ལེད་བཅས་སོ། ། 40 ཨུ་ལམ་གྱི་བུ་ཐམས་ཅད་དམག་མི་དཔའ་བོ་མདའ་རྩལ་ཅན་ཡིན། དེ་དག་ལ་བུ་རབས་ཚ་རྒྱུད་མང་ཞིང་བསྡོམས་པས་བརྒྱ་དང་ལྔ་བཅུ་ཡོད་ལ། དེ་ཐམས་ཅད་པེན་ཡཱ་མེན་ཚོ་པའི་ཡིན་ནོ། །